釋迦牟尼佛本生略傳

སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།
頂禮釋迦牟尼佛!
གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས།།
誰從最初發起菩提心
བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་།།
爾後福慧二資能圓滿
དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།།
此時所做諸行極廣大
མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི།།
眾生怙主尊前我讚頌

༡༽ དགའ་ལྡན་ནས་འཕོ་བའི་མཛད་པ་ནི། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མ་ཕེབས་པའི་གོང་དུ། དགའ་ལྡན་ལྷ་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་ཞེས། ལྷ་ཡུལ་དུ་ཁོང་གིས་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་གསུངས་ཏེ་ལོ་ངོ་བཞི་སྟོང་བཞུགས། དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་བརྒྱ་པའི་སྐབས་ཀྱི་གདུལ་བྱ་རྣམས་འདུལ་བའི་དུས་ལ་བབས་པར་གཟིགས།།
#1 降兜率:佛陀由燃燈佛授記為娑婆世界的補處菩薩,先住于兜率天的内院,經過四千歲,觀察娑婆世界教化的機緣。

༢༽ ལྷུམས་སུ་ཞུགས་པའི་མཛད་པ་ནི། ལོ་ངོ་བཞི་སྟོང་བཞུགས་རྗེས་གླང་ཆེན་ཐལ་ཀར་མཆེ་བ་དྲུག་ཡོད་པ་ཞིག་གི་ཚུལ་དུ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས།།
#2 入胎:在兜率内院住满四千年後,即乘白象由天而降,由聖母摩耶夫人右脇入胎。

༣༽ སྐུ་བལྟམས་པའི་མཛད་པ་ནི། ༥༤༤ ལོར་རྒྱ་གར་གྱི་རྒྱལ་ཕྲན་སེར་སྐྱའི་གྲོང་ཁྱེར་ལུམྦི་ནིའི་ཚལ་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་འཁྲུངས། སྐུ་འཁྲུངས་མ་ཐག་ཕྱོགས་བཞི་ལ་གོམ་པ་བདུན་བདུན་སྤོས་པའི་ཤལ་དུ་མེ་ཏོག་པདྨ་རེ་རེ་བཞད། ཁོང་གི་གསུང་ཐོག་མ་ནི། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ཅེས་གསུངས།།
#3 誕生:544年神變月四月十五日的艷陽天,于藍毗尼花園中誕生,剛出生後即能行走七步,一手指天,一手指地说:「天上天下,唯我獨尊。」

༤༽ སྒྱུ་རྩལ་ལ་མཁས་པའི་མཛད་པ་ནི། སྐུ་ཆུང་དུས་ཀྱི་མཚན་ལ་གཞོན་ནུ་དོན་གྲུབ་ཟེར་ཞིང་། རིམ་བཞིན་ལང་ཚོ་རྒྱས་ཏེ་སློབ་དཔོན་ཀུན་གྱི་བཤེས་གཉེན་དང་། ཡིག་མཁན་སྲིན་བུ་གོ་ཆ། ཞང་པོ་བཟང་པོ་ལེན་སོགས་ལས་ཡིག་རིགས་དང་། སྐར་རྩིས། བཟོ་ལ་སོགས་པའི་སྒྱུ་རྩལ་དྲུག་བཅུ་རྩ་བཞི་ལ་འགྲན་ཟླ་དང་བྲལ་ཞིང་རབ་ཏུ་མཁས་པས་འཇིག་རྟེན་ན་མཚུངས་པ་མེད་པར་གྱུར།།
#4 長大後精通工巧等學問:自小就被稱為悉達多太子。聰慧過人,師長們所教授的六十四种學問、技藝、武術等,太子很快就能得心應手。

༥༽ གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ནི། དགུང་ལོ་བཅུ་དྲུག་པར་ཤཱཀྱ་ལག་ན་བེ་ཅོན་གྱི་སྲས་མོ་གྲགས་འཛིན་མ་ཁབ་ཏུ་བཞེས་ཤིང་དགུང་ལོ་བཅུ་དགུའི་བར་རྒྱལ་པོའི་ཕོ་བྲང་དུ་བཞུགས། བཙུན་མོ་གྲགས་འཛིན་མ་ལ་སྲས་ཤིག་ཀྱང་འཁྲུངས་ཏེ་མཚན་མཁན་གྱིས་མཚན་ལ་སྒྲ་གཅན་འཛིན་ཞེས་གསོལ།།
#5 持王位,喜享妃眷眷: 淨飯王为悉達多太子迎娶耶輸陀羅為妻,生了一个王子叫羅睺羅,又興建寒、暑、雨三時宫殿,希望以無憂無慮的生活讓太子生起眷戀之心。

༦༽ རབ་ཏུ་བྱུང་བའི་མཛད་པ་ནི།དགོང་ལོ་བཅུ་དགུ་དུས་ཀྱི་ཉིན་ཞིག་སེར་སྐྱའི་གྲོང་ཁྱེར་དང་ཕོ་བྲང་གི་ཕྱོགས་བཞིའི་སྒོ་འགྲམ་དུ་བྱོན་སྐབས། མི་རྒས་ཤིང་འཁོགས་པ་དང་། ནད་ཀྱིས་མནར་བ་དང་། ཤི་བ། དགེ་སློང་ཞི་དུལ་ཅན་བཅས་གཟིགས་པའི་རྐྱེན་བྱས་ནས་འབྱུང་ཤགས་དྲག་སྐྱེས་ཏེ། འཁོར་བ་ལ་སྙིང་པོ་མི་འདུག་དགོངས་ནས་རབ་ཏུ་བྱུང་བའི་འདུན་པ་ཆེན་པོ་སྐྱེས་ནས་ནམ་ཕྱེད་ལ་ཆིབས་པ་བསྔགས་ལྡན་ལ་ཆིབས་ཏེ་བྲོས་བྱོལ་དུ་ཕེབས་ནས་ས་ག་ཟླ་བའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་རྒྱལ་སྲིད་ལོངས་སྤྱོད་དང་བཅས་ཕངས་མེད་དུ་དོར་བ་དང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།
#6 出家: 十九歲的時候,因感嘆世間生老病死,弱肉强食,而且人間多有不平現象,于是神變月四月八日毅然騎馬逾城在清净佛塔之近前出家求法。

༧༽ དཀའ་བ་སྤྱད་པའི་མཛད་པ་ནི། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་བྱང་ཆུབ་སྒྲུབ་པ་ལ་དཀའ་བ་ཚད་མེད་པ་བླངས་དགོས་པ་ཤེས་པའི་ཕྱིར་དུ། ཆུ་བོ་ནེ་རན་ཛྙ་ནའི་དྲུང་དུ་ལོ་དྲུག་གི་བར་ཟས་ཁམ་གང་དང་། བཏུང་བ་ཧུབ་གཅིག་མ་གསོལ་བ་ཏེང་ངེ་འཛིན་སྒོམ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མཛད་པ།
#7 六年苦行;太子於尼蓮禪河附近的苦行林,度過了六年的苦修生活,這些苦行並没有讓他證悟,但實踐苦行的這些年並并不浪费,因为這有特别的意圖:就是為了告诉未来的弟子,佛陀为了實現開悟的目标,堅持不懈、奮鬥精進,付出了巨大的努力。

༨༽ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་གཤེགས་ཏེ། རྩྭ་ཟོར་བའི་གདན་ལ་མཉམ་པར་བཞག་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པར་དམ་བཅའ་མཛད་དེ། བྱང་ཆུབ་ཀྱི་ལམ་སྒོམས་པ་མཛད།
#8 入于金剛座: 放棄苦行後,佛陀来到摩揭陀國菩提伽耶的一棵菩提樹下,立誓不覺悟就不離開這裡。

༩༽ བདུད་བཏུལ་བའི་མཛད་པ་ནི། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱེད་པ་ལ་བར་ཆད་སྣ་ཚོགས་ཀྱི་མི་ཚུགས་པར་ལམ་མཐར་ཕྱིན་པར་བྱ་དགོས་པར་ཤེས་པའི་ཆེད་སྨིན་མཚམས་མཛོད་སྤུ་ནས་འོད་ཟེར་བཀྱེ་སྟེ། ཕྱོགས་ཀུན་སྣང་བ་བྱས་པས།བདུད་སྡིག་ཅན་འཁོར་དང་བཅས་པས་མཚོན་ཆ་སྣ་ཚོགས་འཕངས་ཀྱང་། བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་ཀྱི་སེམས་རྒྱུད་བྱིན་གྱི་བརླབས་པར་མཛད།
#9 降魔:在修道的时候,内心有貪瞋癡的魔,外境有聲声色貨利的魔。要征服魔均的壓力,不為魔女所誘惑,需具有大雄、大智、大無謂的降魔精神。

༡༠༽ སངས་རྒྱས་པའི་མཛད་པ་ནི། ལོ་དྲུག་དཀའ་བ་སྤྱད་ནས་དགུང་ལོ་སོ་ལྔ་བཞེས་པའི་ཚེ། ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་མོ་ཐུན་མཐའི་ཆ་ལ་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྒྲིབ་པ་གཉིས་སྤངས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མཛད།།
#10 成道:神變月四月十五日,摩揭陀國菩提樹下金剛座上,悉達多端身正坐、摄心思维,在第四十九天時,他看到了生命的缘起,以及受苦的原因。這時已成正等覺的佛陀說:奇哉!奇哉!一切大地眾生皆有如来智慧德相,只因妄想執著不能證悟。

༡༡༽ ཆོས་འཁོར་བསྐོར་བའི་མཛད་པ་ནི། ཚངས་པ་དང་བརྒྱ་བྱིན་འཁོར་དང་བཅས་པ་ལྷགས་སྟེ་གསོལ་བ་བཏབ་པ་བཞིན། ཝ་ར་ཎ་སིར་འཁོར་གྱི་ཐོག་མ་ལྔ་སྡེ་ནས་བཟུང་ལྷ་མི་བྱེ་བ་མང་པོ་ལོ་ལྔ་བཅུ་ཡི་བར་ཆོས་གསུངས་པར་མཛད་པ།།
#11 轉法輪:梵天等眾多的祈禱和勸請下,佛陀仍决定將佛法弘揚于這個堪忍世界中,于五十年中,講經說法,把真理弘遍人間,使法輪常轉於世間。

༡༢༽ མྱ་ངན་ལས་འདས་པའི་མཛད་པ་ནི། དགུང་ལོ་བརྒྱད་བཅུ་བཞེས་པ་ན་རྩ་མཆོག་གྲོང་དུ་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་མྱ་ངན་འདའ་བར་མཛད་པ་བཅུ་གཉིས་སོ།།
#12 涅槃:八十歲那年的二月十五日,拘尸那城清淨大地上,教化因缘已满,由動歸靜,無死猶如金剛身逝已,趨入涅槃。

དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས།།
如是聖教之主出有壞,
མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི།།
所作佛行扼要稍讚頌,
དགེ་བས་འགྲོ་བ་ཀུན་ཀྱི་སྤྱོད་པ་ཡང་།།
以此所修善根願諸眾,
བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག།
等同善逝尊您之佛行。

Similar Posts